Welcome To National Democratic Party of Tibet Blog

Wednesday, August 11, 2010

ས་གནས་ཁག་གི་བོད་ནང་ཆུ་ལོག་གི་གནོད་འཚེ་དང་འབྲེལ་བའི་ལས་འགུལ།

ས་གནས་ཁག་གི་བོད་ནང་ཆུ་ལོག་གི་གནོད་འཚེ་དང་འབྲེལ་བའི་ལས་འགུལ།

ཁ་སང་༢༠༡༠ ཟླ་༨ ཚེས་༡༠ ཉིན་སྦེལ་ཀོབ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གསུམ་ཐུན་མོང་གིས་གོ་སྒྲིག་བྱས་པའི་ཛ་དྲག་རྐྱེན་ངན་ལ་གདུང་སེམས་མཉམ་སྐྱེད་ཀྱིས ༼ཛ་དྲག་རྐྱེན་ངན་ལ་གདུང་སེམས་མཉམ་སྐྱེད༽ སྦེལ་ཀོབ་གཞིས་རྙིང་གྲོང་སྡེ་དང་པོ་རུ། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་སེར་སྐྱ་མི་མང་བསྡུ་བསྐོང་གིས་སྨོན་ལམ་ལས་འགུལ་ཞིག་སྤེལ་ཡོད་ལ།
ལས་འགུལ་དེ་ནི་ཉེ་ལམ་འདི་ཟླའི་ཚེས་༦ ཉིན་ལ་དྭགས་སུ་ཆུ་ལོག་གིས་བོད་མི་གསུམ་ཐེ་བའི་ཁྱོན་མི་གྲངས་༡༡༣ གི་ཚེ་སྲོག་ཤོར་བ་དང་། མི་གྲངས་༥༠༠ ལྷག་གར་སོང་ཆ་མེད་དུ་གྱུར་པ། ད་དུང་ཁུལ་དེའི་ཡུལ་སྐོར་སྤྲོ་འཆམ་པའང་ཤི་ཡོད་པའི་ཚོད་དཔག་ གསར་འགྱུར་ཁུངས་རྒྱལ་སྤྱིའི་ཆ་འཕྲིིན་དྲ་བ།༽ བྱེད་བཞིན་པ་དང་།
ཡང་ཟླ་འདིའི་ཚེས་༨ ཉིན་གྱི་སྔ་དྲོ་ཐོ་རེངས་ཙམ་ལ། དེང་སྐབས་རྒྱ་ནག་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ཞེས་འབོད་བཞིན་པའི་ས་ཁུལ་དེའི་འབྲུག་ཆུ་རྫོང་དུ་གློ་བུར་ཆུ་ལོག་(ཆུ་འདམ་)ཚབས་ཆེན་གྱིས་ཁྱོན་བསྡོམས་མི་ཁྲི་ ༤༌༧ ལ་གནོད་སྐྱོན་བྱུང་ཡོད་པའི་ཁྲོད། མི་ ༣༣༧ རྐྱེན་འདས་དང་མི་ ༡༡༤༨ གར་སོང་ཆ་མེད་དུ་གྱུར་ཡོད་པར་མ་ཟད། ད་ལྟའི་ཆར་མི་ ༡༢༤༢ མྱུར་སྐྱོབ་བྱུང་ཡོད་ནའང་། ཁང་པ་ ༣༠༠ ལྷག་རྡིབ་ཡོད་པ་དང་ཁང་པ་༣༠༠༠ ལྷག་ཆུའི་ནང་འཐིམ་ཡོད་ཅིང་། གཞན་ཁང་པ་ ༧༠༠ ལྷག་རྡིབ་ཉེན་ཡོད་པའི་སྐོར་བཀོད་འདུག་ལ། ཡུལ་མི་ཁྲི་ ༢ ལྷག་གནས་སྤོར་༼གནས་ཚུལ་ཡོང་ཁུངས་རྒྱ་ནག་དང་དུས་བབ་དྲ་ཚིགས༽བྱ་དགོས་བྱུང་བ་དང་། ཚེས་༩ ཉིན་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་ཐུགས་གསོའི་འཚམས་འཕྲིན་ཡང་གནང་འདུག ལ་དྭགས་དང་བོད་གཉིས་ཆོས་དང་རིག་གནས་གཅིག་གིས་འཚོ་བའི་ལོ་རྒྱུས་ཡོད་པའི་མི་རིགས་གཉིས་ཡིན་པ་དང་མདོ་སྨད་འབྲུག་ཆུའི་ས་གནས་ཀྱི་མི་ཕལ་ཆེ་བ་ཤ་ཁྲག་རུས་གསུམ་གཅིག་ཏུ་འདྲེས་པའི་བོད་མི་ཤ་སྟག་ཡིན་པས རང་ཅག་ལ་འགན་འཁྲིའི་གདུང་སེམས་མཉམ་སྐྱེད་ཀྱི་གོང་ཞུའི་ཚོགས་པ་གསུམ་ནས་སྨོན་ལམ་ལས་འགུལ་དེ་བརྩམས་པ་ཡིན། གནད་དོན་དེར་རྒྱ་ནག་གི་ཕྱོགས་ནས་གཤམ་འཁོད་དོན་ཚན་གསུམ་ཐོག་འགྲེལ་བཤད་རྒྱབ་ཡོད།
དང་པོ། འབྲུག་ཆུའི་ས་བབ་ཆགས་སྟངས་དང་ཁྱད་པར་ཅན་གྱི་ས་གཤིས་གྲུབ་ཚུལ་དེ་གནོད་འཚེའི་འབྱུང་རྐྱེན་གཙོ་བོ་རེད་སྙམ། ཆེད་ལས་མཁས་པས་དབྱེ་ཞིབ་བྱས་པ་ལས། འབྲུག་ཆུ་རྫོང་མཁར་ཉེ་འདབས་ཀྱི་ས་གཤིས་གྲུབ་སྟངས་ཀྱི་བྲག་ངོས་བརྟན་པོ་མིན་པས་ཅུང་འཇིགས་སླ་བ་དང་། རླུང་ཟད་བྱུང་ཚད་ཀྱང་ཅུང་ཚབས་ཆེ་བའི་དབང་གིས། རི་ཉིལ་བ་དང་འདམ་ཟེགས་འདྲེས་མའི་ཆུ་ལོག་གི་གནོད་འཚེ་ཅུང་འབྱུང་སླ་བ་རེད་སྙམ།
གཉིས་པ། ཝིན་ཁྲོན་ས་འགུལ་གྱི་གནོད་པ་ནི་རྒྱུ་རྐྱེན་གཙོ་བོའི་ནང་གི་གཅིག་ཡིན། འབྲུག་ཆུ་རྫོང་ནི་ཝིན་ཁྲོན་ས་འགུལ་གྱི་གནོད་ཐེབས་ས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན་པས། ས་འགུལ་བྱུང་བ་དེ་ལས་འབྲུག་ཆུ་རྫོང་མཁར་མཐའ་མཁོར་གྱི་རི་ངོས་སྒུལ་ཟིན་པས་བྲག་རི་འཇིགས་སླ་བ་རེད། ས་འགུལ་གྱིས་གནོད་པ་བཟོས་པའི་རི་ངོས་དེ་སླར་གསོ་བྱེད་ན་ལོ་གསུམ་ནས་ལྔའི་བར་དགོས་ཀྱང་ཝིན་ཁྲོན་ས་འགུལ་བྱུང་ནས་ལོ་གཉིས་ལྷག་ལས་འགོར་མེད།

གསུམ་པ། འབྲུག་ཆུ་ས་ཁུལ་ལ་ན་ནིང་གི་དུས་ཚིགས་བཞི་པ་ནས་ད་ལོའི་ལོ་སྟོད་བར་བསྟུད་མར་ཐན་པ་བྱུང་ནས། རྫོང་མཁར་མཐའ་འཁོར་གྱི་བྲག་ངོས་ལ་གས་སྲུབས་བྱུང་བའི་དབང་གིས་ཆར་ཆེན་འབབ་སྐབས་རི་ཉིལ་སླ་བ་དེ་རེད་ཅེས་བསྒྲགས་འདུག །
འདི་གར་ཚོགས་པ་གསུམ་གྱི་ལས་འགུལ་དེ་རང་གི་ཐོག་ཏུ་གཏམ་བཤད་པ་སྦེལ་ཀོབ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་སེར་སྨད་བློ་དགའ་ལགས་ཀྱིས། ཆུ་འདམ་བྱུང་རྐྱེན་ལ་རྒྱ་ནག་གི་དོན་ཚན་གསུམ་གྱི་འགྲེལ་བཤད་དེ་ངན་ཁག་དཀྲི་ས་ཞིག་ལས་དོན་དངོས་སུ་མདོ་སྨད་འབྲུག་ཆུ་ས་ཁུལ་ནི་བོད་ཁུལ་དུ་ནགས་ཚལ་རྒྱ་ཁྱོན་ཆེ་ཤོས་དང་གཏེར་ཁའི་འབྱུང་ཁུངས། བྱུང་རབས་ནང་ཆུ་ལོག་བྱུང་བའི་གནས་ཚུལ་མཐོང་ཐོས་དཀའ་ཞིང་ བར་ལསམ་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པའི་རྗེས་སུ་ཁྲལ་མེད་ལུགས་མེད་ཀྱིས་ཤིང་ནགས་གཅོད་འབྲེག་བྱས་པ་དང་། ཤིང་ནགས་བཅད་ཟིན་མཚམས་གཙོ་བོ་གཏེར་ཁ་སྔོག་འདོན་དང་། ཆུ་གློག་གསར་རྒྱག་བཅས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་འཆར་གཞི་གང་ཡང་མེད་པའི་ལས་གྲྭ་ཚབས་ཆེན་དེ་དག་གི་དབང་གིས་ད་ལྟའི་ཆུ་ལོག་གི་དོན་རྐྱེན་ཆགས་ཡོད། ཅེས་གསལ་བཤད་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད།

སྦེལ་ཀོབ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཡིག་རྡོ་རྗེ་རྣམ་རྒྱལ་ནས་ཕུལ།

No comments:

Post a Comment