Welcome To National Democratic Party of Tibet Blog

Tuesday, June 29, 2010

མང་གཙོ་ཚོགས་པས་བཏོན་པའི་བཀའ་བློན་ཁྲི་པའི་འོས་གཞི་གཉིས།



བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་རྡོར་རྗེ་གླིང་དུ་སློབ་གྲྭར་ཕེབས་ཡོད། ཁོང་ནི་བོད་ཡིག་དང་དབྱིན་ཡིག་གང་སྤྱིར་སྦྱང་པ་ལེགས་པོ་ཡོད་པ་ཞིག་ཡིན། སྤྱི་ལོ་༡༩༦༠ ནས་མ་སུ་རིར་སློབ་ཕྲུག་ཡིན་སྐབས་ཞོར་དུ་དགེ་རྒན་ཡང་གནང༌། སློབ་སྦྱོང་གི་ཞོར་དུ་ཨ་རིའི་མཐོ་སློབ་སེ་ཊན་ཕོ་ཊི་གི་རྒྱལ་རབས་སྡེ་ཚན་ནང་སློབ་ཁྲིད་གནང་ཡོད། ཨ་རིར་བྱམས་བརྩེ་དང་གཞན་ཕན་ཞིབ་འཇུག་ཁང་གི་རྒྱུན་ལས་དང༌། སེ་ཊན་ཕོ་ཊི་མཐོ་སློབ་ནང་དབང་རྩའི་ཚན་རིག་དང་འབྲེལ་བའི་སྡེ་ཚན་འོག་སྨན་གྱི་སྡེ་ཚན་ཞིག་གསར་འཛུགས་གནང་མཁན་གྱི་གྲས་ཡིན། སྤྱི་ལོ་༡༩༦༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་ཡིག་བསྒྱུར་བ་གནང༌།
སྤྱི་ལོ་༡༩༦༨ ལོར་ཁོང་མི་གསུམ་གྱིས་གཞུང་འབྲེལ་མིན་པའི་ཐོག་ནས་མཉམ་ཤེས་བྱ་དུས་དེབ་ཐོག་མར་བཏོན། སྤྱི་ལོ་༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་དང་དེ་སྐབས་ཁོང་གིས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང༌། དེ་ནས་ཅདྲཏྟྤཎརྣ ངྟསྤྲདྲྟཕགྱི་་རྩོམ་སྒྲིག་པ་གནང་ཡོད། སྤྱི་ལོ་༡༩༨༠ ལོར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཐེངས་གཉིས་པའི་ཐོག་ཕེབས། སྤྱི་ལོ་༡༩༧༣ ནས་༡༩༨༦ བར་ཨ་རིའི་ནང་ྋགོང་ས་མཆོག་གི་སྐུ་ཚབ་གནང་བ་དང༌། སྤྱི་ལོ་༡༩༨༧ ནས་༡༩༩༠ བར་ཨ་རིའི་ནང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས།
ཨ་རིར་བཞུགས་དུས་བོད་ཀྱི་ཐེབས་རྩ་དང་པོ་ཏ་ལ་དཔར་སྐྲུན་ཁང་གཉིས་བོད་ཀྱི་ལས་ཁུངས་ཞེས་པའི་འོག་གསར་འཛུགས་དང༌། རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་ལས་ཁུང་ཡང་གསར་འཛུགས་གནང་ཡོད། དེར་བརྟེན་ཨ་རིའི་གཞུང་གིས་བོད་ཀྱི་ཆེད་སྐྱབས་བཅོལ་རོགས་སྐྱོར་དང་རླུང་འཕྲིན། ཨ་རིར་བོད་པ་སྐྱབས་བཅོལ་ལེན་པ་སོགས་ཨ་རི་དང་ཁ་ན་ཌ་སོགས་ལ་བོད་ཀྱི་ལས་དོན་དང་འབྲེལ་བའི་ཕྱག་ལས་ཤུགས་ཆེ་གནང་ཡོད།
སྤྱི་ལོ་༡༩༩༠ ལོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་གནང་སྟེ་དཔལ་འབྱོར་དང་ནང་སྲིད་ཕྱི་དྲིལ་སོགས་ཀྱི་ཐུགས་འགན་དང་ད་དུང་ཁོང་གིས་བཀའ་བློན་ཁྲི་པའི་ཐུགས་འགན་ཡང་ལོ་ལྔ་བཞེས་ཡོད། སྤྱི་ལོ་༡༩༩༥ ལོར་ཨ་རིར་གནས་སྤོས་གནང་ཡོད། དེ་སྐབས་བོད་ནང་ལོ་བདུན་ཞེས་པའི་གློག་བརྙན་གྱི་སློབ་སྟོན་པ་དང་ྋགོང་ས་མཆོག་གི་ཐེབས་རྩ་གསར་འཛུགས་དང་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་ཡིན། ཁོང་གི་བཙན་བྱོལ་སྤྱི་ཚོགས་ནང་གལ་གནད་ཅན་གྱི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ཡོད།།
 ...................................................................................................................................................................
མཁས་དབང་བློ་བཟང་སེང་གེ

ཐོག་མར་རྒྱ་གར་སུ་ན་ཌ་དང་རྡོར་གླིང་གཏན་སློབ་ནས་གཞིས་རིམ་སློབ་གྲྭ་དང༌། དེ་ཁུལ་སན་ཇོ་སེབ་མཐོ་སློབ་ནས་འབྲིང་རིམ་སློབ་གྲྭ་མཐར་ཕྱིན། དེ་རྗེས་ལྡི་ལི་གཙུག་ལག་སློབ་གྲྭ་ནས་བི་ཨེ་༵༵སྐྱརྐྱཀཀདང་ཁྲིམས་ལུགས་༵༵རྒརྒསྐྱཀཀསློབ་ཐོག་སློབ་མཐར་ཕྱིན། སྤྱི་ལོ་༡༩༨༨ ནས་༡༩༩༡ བར་ལྡི་ལི་ས་གནས་གཞོན་ནུའི་ཚོགས་གཞོན་དང་དྲུང་ཆེ་ཚོགས་གཙོ་བཅས་གནང༌། སྐབས་དེའི་རིང་ཐ་ཝན་བོད་སོག་ལས་ཁུངས་ཀྱི་གསང་ཉུལ་ལྡི་ལིར་འབྱོར་བར་གདོང་ལེན་ལས་འགུལ་གྱི་སྣེ་ཁྲིད་ཀྱི་གྲས་ཡིན། རྒྱ་གཞུང་གི་ཟློས་གར་ཁྲབ་སྟོན་སླེབས་པའི་སྐབས་སོགས་སུ་ཡང་དུས་ཐོག་གི་ལས་འགུལ་སྤེལ་གནང་མཁན་ཞིག་ཡིན། དེ་ནས་རྡ་ས་དབུས་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་ཀྱི་དྲིལ་བསྒྲགས་ཀྱི་ལས་ཁུར་ཞུས།
སྤྱི་ལོ་༡༩༩༥ ལོར་རང་གཞུང་ཤེས་རིག་ལྷན་ཁང་ནས་སློབ་ཡོན་རོགས་རམ་སྩལ་ཁོང༌། ཨ་རིའི་ཧ་ཝ་ཌེ་གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ལུགས་སྡེ་ཚན་ནང་ཕེབས་ཏེ་རབས་འབྱམས་པའི་གོ་མིང་བཞེས། དེ་ནས་ཞི་བདེ་རྒྱ་མཚོའི་ཤོང་ས་ཞིབ་འཇུག་ལྟེ་གནས་ཁང་དང༌། ཤར་གླིང་ཤར་མའི་ཁྲིམས་ལུགས་སྡེ་ཚན་བཅས་སུ་ལོ་གཅིག་རིང་འཚམས་འདྲིའི་ལམ་ནས་སློབ་གཉེར་གནང་ཐོག དེ་ནས་ཧ་ཝ་ཌེ་གཙུག་ལག་སློབ་གྲྭ་ནས་སློབ་དཔོན་གོ་མིང་ཐོག་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། རྒྱ་ནག་གི་ཁྲིམས་ལུགས། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་ལ་སློབ་དཔོན་གྱི་མཚན་གནས་བཞེས་ཡོད།
ཁོ་རང་རྒྱུན་དུ་བགྲོ་གླེང་གནང་རྒྱུར་ཐུགས་མོས་ཡོད་པ་ལྟར། ཨ་རིའི་སྲིད་དོན་གྱི་གླེང་སྟེགས་འདྲ་མིན་སྟེང་བོད་རྒྱའི་འབྲེལ་ལམ་ཐོག་གཏམ་བཤད་དང༌། བགྲོ་གླེང་ལ་ཕེབས་མྱོང་ཡོད་ཁར་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཤེས་ཡོན་ཅན་བརྒྱ་ཕྲག་དང་ཕན་ཚུན་བོད་རྒྱའི་གནད་དོན་ལ་གོ་བསྡུར་གང་མང་གནང་མྱོང་ཡོད། དེ་མིན་ཁོང་གིས་དང་བླངས་གནང་སྟེ་ཨ་རིའི་ཧ་ཝ་ཌེ་སློབ་གྲྭ་ཆེན་མོ་དང་ས་གནས་གཞན་མང་པོར་བོད་རྒྱའི་གནད་དོན་ཐོག་བགྲོ་གླེང་གོ་སྒྲིག་ཐེངས་མང་གནང་ཡོད། གཞན་ཁོང་གིས་བོད་རྒྱའི་མཁས་དབང་དང་གཞུང་འབྲེལ་མི་སྣ་ཁག་མཉམ་འདུས་ཀྱི་བོད་གནས་ཚོགས་འདུ་ཁག་གཉིས་ཙམ་གོ་སྒྲིག་གནང༌།
དེ་བཞིན་ཁོང་གིས་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་ཀྱི་ལས་འགུལ་སྤེལ་གནང་གི་ཡོད། དཔེར་ན། པུ་རུ་ཝ་ལའི་གཞིས་ཆགས་དང་པོག་ར་པོང་བཅས་སུ་སློབ་གྲྭ་གསར་རྒྱག་གི་རོགས་དངུལ་ཐབས་འཚོལ་གནང་བ་དང༌། དེ་མཚུངས་རྡོར་གླིང་དང་ཀ་སྤུག པོག་ར་པོང་སུ་ན་ད་བཅས་ཀྱི་གཏན་སློབ་དང་ཝར་ན་མཐོ་སློབ་ཀྱི་རྒྱུན་གཏན་འཚོ་ཐབས་ཡར་རྒྱས་ཆེད་རོགས་དངུལ་མཐུན་འགྱུར་གནང་དང་གནང་མུས་རེད། སྤྱི་ལོ་༢༠༠༦ ལོར་ཨེ་ཤ་ཡའི་ཚོགས་པས་ཨི་ཤ་ཡའི་གཞོན་སྐྱེས་འགོ་ཁྲིད་༢༤ བདམས་ཐོན་བྱུང་བ་ནས་ཁོང་དེའི་གྲས་སུ་བདམས་ཡོད། ད་དུང་བོད་ནང་ཡང་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་འབྲེལ་ཡོད་ལས་གཞི་ཁག་སྤེལ་བཞིན་ཡོད་པ་བཅས། ཁོང་ནི་བཙན་བྱོལ་སྤྱི་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་མིང་གྲགས་ཡོད་པའི་གཞོན་སྐྱེས་མཁས་དབང་ཞིག་ཡིན།། 

No comments:

Post a Comment